提示:点击上方"AH诺尔仓"↑免费订阅本刊
![]()
![]()
གཏམ་དཔེ།
ཚིག དམངས་ཁྲོད།
གདངས། དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།
གླུ་ཨ་ལ་ཨ་ལ་ཨ་ལ་རེད།
གླུ་ཐ་ལ་ལ་མོ་ཐ་ལ་རེད།
ཕོ་ང་འདྲ་ང་ངོ་མ་ཤེས་ན།
ང་སྒང་པ་བོད་ཀྱི་བུ་ཆུང་ཡིན།
གླུ་ཨ་ལ་ཨ་ལ་ལ་མོ་ལེན།
གླུ་ཐ་ལ་ལ་མོ་ཐ་ལ་ལེན།
ཕོ་ང་འདྲ་ང་ངོ་མ་ཤེས་ན།
ང་སྒང་པ་བོད་ཀྱི་བུ་ཆུང་ཡིན།
བྲག་དམར་པོའི་དཀྱིལ་ལ་ལམ་ཞིག་ཡོད།
ངའི་འཇིག་རྟེན་བོད་ལ་དཔེ་ཞིག་ཡོད།
དཔེ་རེ་ལ་འཇིག་རྟེན་གནས་ལུགས་ཡོད།
དེ་ཨེ་བདེན་དེ་རིང་དཔེ་ཞིག་འཇོག
དཔེ་རེ་ལ་འཇིག་རྟེན་གནས་ལུགས་ཡོད།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
གླུ་ཐ་ལ་ལ་མོ་ཐ་ལ་ལེན།
གླུ་ཨ་གླུ་ཡི་ལེན་ལུགས་རེད།
གླུ་ཐ་གླུ་ཡི་འགུགས་རེད།
ཕོ་ང་འདྲ་ང་ངོ་མ་ཤེས་ན།
ང་སྒང་པ་བོད་ཀྱི་བུ་ཆུང་ཡིན།
འཇིག་རྟན་བོད་ལ་དཔེ་ཞིག་ཡོད།
དཔེ་རེ་ལ་འཇིག་རྟན་གནས་ལུག་ཡོད།
སྡུག་ན་མཆི་མ་མི་གཏོང་འདི།
སྐྱེས་པ་ཕོ་ཡི་ཁྱད་ཆོས་རེད།
སྐོམ་ན་ན་ཆུ་མི་བཏུང་འདི།
བྲེ་སེར་འབྲོང་གི་ཁྱད་ཆོས་རེད།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན།
དགའ་ལྡན་ཁྲི་ལ་བདག་པོ་མེད།
འདོ་རིགས་རྟ་ལ་བང་རྩལ་ཡོད་ན།
ཨ་ཆེན་ཐང་ལ་ཟད་མཐའ་མེད།
མ་ཉལ་མ་ཉལ་ཕ་ཡི་བུ།
ཤིང་སྡོང་པོ་ཉལ་ན་རྩ་བ་རུལ།
ཕ་བླ་མ་ཉལ་ན་ཆོས་ར་ཉལ།
སྟག་ཤ་ར་ཉལ་ན་དགྲ་མགོ་ཉལ།
སྨན་བུ་མོ་ཉལ་ན་གནས་མགོ་ཤོར།
ལག་ལན་མེད་པའི་ཁ་བཤད་འདི།
གཤོག་སྒྲོ་མེད་པའི་བྱ་དང་འདྲ།
མི་སྐྱོན་མེད་འཛམ་བུ་གླིང་ན་མེད།
ཤིང་འཛེར་མེད་རྒྱ་རྫོངས་ནག་ལ་མེད།
སྲིད་པ་ཆག་པའི་གཏམ་དཔེ་འདི།
འཇིག་རྟེན་པ་ཡི་གནས་ལུགས་རེད།
གླུ་ན་རྣ་བའི་བདུད་རྩི་ཡིན།
མ་གོ་གླུ་ལ་འགྲེལ་བ་མེད།
གླུ་ཨ་ལ་ཨ་ལ་ལ་མོ་ལེན།
གླུ་ཐ་ལ་ལ་མོ་ཐ་ལ་ལེན།
གླུ་གོ་ན་རྣ་བའི་བདུད་རྩི་ཡིན།
མ་གོ་གླུ་ལ་འགྲེལ་བ་མེད།
ཨ་ལ་ལའི་བོད་ཀྱི་རྒྱན་གོས་གསར་པའི་སྙིང་སྟོབས།
བོད་ཁ་བ་ཅན་གྱི་མི་རིགས་ནི་སྔར་ནས་ད་བར་རིག་པའི་གནས་ཀྱི་ཕྱོགས་ལ་འགངས་ཆེན་དུ་འཛིན་སྲོལ་ཡོད་པ་མ་ཟད།
ཕྱིའི་སྔོན་ཐོན་རིག་གནས་དེ་བོད་ནང་དུ་ཚུར་བསྡུ་བྱེད་པར་མཁས་པའི་མི་རིགས་ཤིག་ཀྱང་ཡིན།
བོད་རང་ལ་ཕྱིས་ཡོང་གི་ཕུལ་བྱུང་རིག་གནས་སངས་རྒྱས་ཆོས་ལུགས་གཙོ་བོར་བྱས་པའི་རྩ་ལག་མང་པོ་དར་ཡོད་པའི་དབང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་རྫོངས་ཐུག་ཅིང་
ཕུན་སུམ་ཇེ་ཚོགས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ཡོད་པ་འདི་ཡིན། དེ་ཡང་དུས་སྐབས་ཀྱི་འཕེལ་འགྱུར་ཆོས་ཉིད་དང་ཡོངས་སུ་མཐུན་པའི་གོམ་སྟབས་ཀྱི་རྗེས་མཐུན་པ་ཡིན་ལ།
སྔོན་ཐོན་མི་རིགས་གཞན་དང་འདྲ་བར་ཐུན་མོང་མིན་པའི་མི་རིགས་རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་གྱི་རྩ་ལག་ཆ་ཚང་བར་རྫོགས་ཡོད།