背景
当前位置:首页 > 联盟历程 > རོལ་དབྱངས་དང་སྙན་ངག ཁག་བཅུ་དྲུག 诗歌与音乐

རོལ་དབྱངས་དང་སྙན་ངག ཁག་བཅུ་དྲུག 诗歌与音乐

  • 发布时间:2020-10-05 02:13:31

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ལ


བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།






















ན་གཞོན་སྙན་ངག་པ་ཁ་བ་བཀྲ་ཤིས།

  

ཁྱོད་ཀྱིས་ད་དུང་མང་པོ་མང་པོ་ཞིག་ཁྱེར་མི་འདུག

                                           ཁ་བ་བཀྲ་ཤིས།


འུ་གཉིས་ཁ་བྲལ་ནས་ཡུན་རིང་འགོར་སོང

ཡོད་ཚད་དེ་འདས་ཚར་བའི་རྗེས་ན

ངའི་ཡིད་དུ་ཁྱོད་ཀྱི་ངོ་གདོང་ལུས་འདུག

དམ་ཚིག་དང་མིག་ཆུ

སྐྱིད་སྡུག་རེས་འཁོར་གྱི་གཏམ་རྒྱུད་ལུས་འདུག

ཨ་ཤུ་རེ

ཁྱོད་ཀྱིས་ད་དུང་མང་པོ་མང་པོ་ཞིག་ཁྱེར་མི་འདུག


མང་རྫོང་ན་ཁྱོད་ཀྱི་རྒྱབ་གཟུགས་ལུས་འདུག

ཁྲི་ཀ་ན་ཁྱོད་ཀྱི་དམ་ཚིག་ལུས་འདུག

ཟི་ལིང་ན་ཁྱོད་ཀྱི་མིག་ཆུ་ལུས་འདུག

ངའི་རུས་གསེང་ནའང་ད་དུང་ཁྱོད་ཀྱི་བརྩེ་དུང་ལུས་འདུག


ངས་ཁྱོད་རང་བརྗེད་སོང་མི་ཟེར

ཁྱོས་ཁྱོད་རང་འགྱུར་སོང་མ་བརྗོད

མིའི་ནང་སེམས་ནི་དེ་འདྲའི་འགྱུར་སྐྱེན་པ་ཞིག་ག་ལ་ཡིན་ཨང


འུ་གཉིས་ཀྱིས་ས་ཆ་གཉིས་ན

རང་བཙན་གྱིས་ཁེར་བསྐྱོད་བྱས་ཡོད་ནའང

འཚོ་བ་དང་ལས་དབང་ལ་བཙན་འཛུམ་སྟོན་བཞིན

འུ་གཉིས་སུས་ཀྱང་དྲན་གདུང་དེ་ཕྱི་ལ་ཕུད་མ་མྱོང

ཅི་བཤད་ཀྱང

ཉེ་ལམ་ཁྱོད་མ་གཏོགས་ངས་ངོ་མ་སུའང་དྲན་མ་མྱོང

སུ་ཡང་གླེང་མ་མྱོང


དངན་པ་སྒྲོ་གང་བྱོ་རྗེས

འཕྱི་དྲགས་པའི་སྐད་ཆ་དང་མིག་ཆུ་ལྷུང

རྗེས་འགྱོད་སོགས་ཞེ་ནས་སྐྱེས་དུས

ང་ནམ་ཡང་རང་ལ་སྡང་བཞིན་ཡོད

རང་ལ་མནར་གཅོད་གཏོང་བཞིན་ཡོད

ཁྲག་གིས་སྙན་ངག་འབྲི་བཞིན་ཡོད


               2018 01 15 ནམ་སྨད་དུ་བྲིས།

  

མུན་པར་འཐབ་པའི་དགོང་མོ།

 མུན་ནག་པའི་མཚན་མོར

ང་གཅིག་པུ་ཁེར་རྐྱང་དུ་ལུས

རོལ་དབྱངས་ཆད་པའི་སྐབས་དེ་ནས་བཟུང

ང་ཁོ་ན་གོ་ལ་གཞན་དུ་ཡོད་པའི་འདུ་ཤེས་བྱིན

ཟླ་བ་ཤར་ཐེངས་རེར

ངས་བཅོ་ལྔའི་མཚན་མོ་ལྷག་ཏུ་དྲན

ཁྱོད་ཟེར་བ་ཞིག་གློ་བུར་དུ་སེམས་སུ་ཕེབས

ངས་ཁ་པར་དང་རྣ་ཉན་གཡས་སུ་བཞག

དྲན་པའི་དར་སྐུད་བརྒྱུས་ནས་བསམ་གཞིག་གི་གཙང་པོ་བརྒལ

མགོ་བོ་གྱང་ལ་གླན་ནས

སེམས་པ་སྨྲེང་ཤུར་ཤུར་གྱིས་སྙིང་རླུང་འཚངས

མ་གཞི་ཁྱོད་སེམས་པའི་གཏིང་ལ་ཟུག་འདུག་པ་དངོས་གནས་ཤེས

དོ་ནུབ་ང་ལ་རོལ་དབྱངས་མེད

དྲན་པའི་སེམས་ཀྱི་འཕར་སྒྲ་འདི་ངའི་རོལ་དབྱངས་ལགས



གྲོང་ཁྱེར་འདིའི་འདུ་འཛུར་ང་སྐྲག་གིན་མེད

འཇིག་རྟེན་འདིའི་ཁེར་རྐྱང་ལ་ང་སུན་གི་མེད

བདག་ཁྱོད་ལ་སྐྲག་ཡོང

ང་ཁྱོད་ཀྱི་སྐད་ཆར་སྐྲག་ཡོང


འུ་གཉིས་ལ་བརྩེ་དུང་མེད་པ་མིན

ཧི་མ་ལ་ཡ་ངས་དཔང་དུ་འཇོག་ཐུབ

ཉི་ཤར་དང་ཉི་ནུབ

ཆར་བ་དང་ཁ་བ

ལྷ་སའི་ཇོ་བོ་ངས་མནའ་ལ་བསྐྱལ་ཐུབ

ངའི་དྲན་པའི་གཏིང་དུ་འཕྱུར་བའི་རྦ་རླབས་དེ་ཁྱེད་ཡིན

ངའི་རུས་པའི་གཏིང་དུ་ཟུག་པའི་བརྩེ་དུང་དེ་ཁྱོད་ཡིན

ཁྱོད་མ་གཏོགས་ང་གཞན་སུ་ཞིག་ལ་འདི་ལྟར་འདང་ཆེ་མྱོང་ངམ


གསོན་ན་སེམས་པ་འཁོར་ས་དེ་ཁྱོད་ཡིན

ཤི་ན་རྣམ་ཤེས་འཐོག་ས་དེ་ཁྱོད་རེད

འདི་འདྲའི་རྒྱུ་མཚན་མང་པོ་མང་པོ་ཞིག་གིས

ངས་བློས་ལ་མ་ཐོངས་པ་ཁྱེད་ཡིན་ལ

ངས་ཐ་མར་བཏང་སོང་བའང་ཁྱོད་ཡིན


དང་པོ་ཁྱོད་དང་འཕྲད་པ་ནས

ཐ་མའི་དེ་རིང་གི་ས་ཚིགས་འདིར

ཁྱོད་ཀྱིས་ངའི་སེམས་པ་དང་ནམ་མཁའ་བརྗེས་སོང

གནམ་གཤིས་དང་ཉི་འོད་བརྗེས་སོང

ཡིན་ནའང

ངས་ཁྱོད་རང་དྲན་དྲགས་པས

ངའི་སྙན་ངག་གི་རྒྱུ་སྐུད་སྨྲེང་བས་ཆད་སོང

རེ་དོགས་ཀྱི་རེ་སྒུག་ཡང་ནམ་ཡང་འདི་ལྟར

ད་དུང་མ་འོངས་པར་བཅོལ་ཡོད་ལགས

                              2018 3  7  ནམ་སྨད་དུ་གྲུབ།


ཇུས་འགོད། ཁྱུང་སྲས་ཀུན་བཟང་།

友情链接