ཕབ་སྐྲུན་པ། ཙང་ཞོ་ཡུའུ།
制片人 臧晓玉
出品 北京德格叶文化传媒有限公司
ཇུས་འདོན་པ། པེ་ཅིན་གདུགས་དཀར་ཡག་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟི།
策划 北京德格叶文化传媒有限公司
འོད་སྦྱོར།
灯光
ཚེ་རིང་བྱམས།
才让先
སྒེག་སྤྲས།གསང་འཛིན་སྐྱིད།ཚེ་རིང་སྒྲོལ་མ།
化妆 真真 才让卓玛
དབྱངས། གདུགས་དཀར་ཡག
作曲 德格叶
ཚིག ཚུལ་ཁྲིམས་རྒྱ་མཚོ།
作词 次成加措
རོལ་མོ། བཀྲ་ཤིས་རྡོ་རྗེ།
音乐 扎西多杰
རོལ་མོ་བསྡུས་བསྲེས། དོན་གྲུབ། དབང་རྒྱལ།
混音 端知 项杰
སྒྲ་ལེན། བློ་གྲོས།
录音 罗周
སྒྲིག་སྦྱོར། སྐྱོ་སྐྱོ།
剪辑 JOJO
ངོས་སྙོམས་ཇུས་འགོད། སྐྱོ་སྐྱོ།
平面设计 JOJO
ཚོས་སྒྱུར། སངས་སངས།
调色师 Sang Sang
ཆེད་དུ་བཀའ་དྲིན་ཞུ་ཡུལ།
特别鸣谢
བསམ་འཕེལ་ནོར་བུ།
三排闹吾
ཚེ་རིང་དབང་རྒྱལ།
才仁永加
ཚྭ་རྡེའུ།
查德
བླ་མ་ཚེ་རིང་།
拉玛才让
བཀའ་དྲིན་ཞུ་ཡུལ་གྱི་ལས་སྡེ།
鸣谢单位
ཨ་ཁུ་འབྲོག་པ།
阿克卓巴
སྨྱུག་ལོ་སྒྲ་བརྙན་རིག་གནས།
尼罗影视文化
ཁ་བ་ཅན་གློག་བརྙན།
卡哇坚影视
གཙུག་ལག་ཕྲེང་བ།
宗拉昌巴
ཨ་ཆེན་རྒྱ་བོད་ཡིག་སྒྱུར།
阿庆藏汉翻译
E-T NATION GANG
རང་གཞན་གཉི་གའི་ཆེད་དུ་ཇུས་འགོད་ཡག་མོ་བྱའོ།།
ཞར་བཀོད། དུངས་པའི་གཏམ་གྱི་གཞས་ཚིག
དུས་ཀྱི་ཉི་གཞོན་གསར་བ་མཁའ་རུ་འཛུམ།།
ཚན་རྩལ་ཤེས་བྱའི་དཔལ་ཡོན་ཉིན་བཞིན་དར།།
སྔོན་ཐོན་མི་རིགས་གཅིག་ལས་གཅིག་མགྱོགས་བྱེད།།
གདོང་དམར་བོད་པ་སྡོད་པའི་དུས་མ་ཡིན།།
世纪新若曙光满长空
科技文明蓬勃日继夜
先进行列各族步伐捷
古老民族不可怠慢之
མི་རིགས་རྩ་བའི་རྨང་གཞི་སྐད་ཡིག་སྟེ།།
དེ་ལ་གཅེས་པ་རྩ་བའི་ཁྲིམས་དང་མཐུན།།
གཞན་སྐད་ནང་འདྲེན་བྱེད་པ་བཟང་མོད་ཀྱང་།།
ཕ་སྐད་རིང་དུ་འདོར་བའི་དུས་མ་ཡིན།།
民族核心灵魂文与语
爱护之其符合众法律
引汲他之文语虽为好
但莫舍弃母语之时也
གཞན་རིགས་མཐུན་སྒྲིལ་ལག་ཟུང་དམ་དུ་བཅིངས།།
རང་རིགས་མི་མཐུན་ས་ཆུ་རྩོད་གླེང་བྱེད།།
ཞེ་འཁོན་འགལ་ཟླའིོ་ཚེར་ཕུང་མི་སྲེག་པར།།
ཕུ་ནུས་ནང་གྱོད་བྱེད་པའི་དུས་མ་ཡིན།།
民族团结之手不放开
己之民族相互争山水
莫去点燃亲人之仇恨
莫为手足之情相争时
སྡེ་བ་སྡེ་བའི་བར་གྱི་ཁོག་དཔུང་དང་།།
ཚོ་བ་ཕན་ཚུན་བར་གྱི་མི་མཐུན་ཕྱོགས།།
ཞིབ་འདང་བློ་ཡིས་དཔྱད་པ་མ་བཏང་བར།།
རང་ཕྱོགས་རང་ལུགས་འཛིན་པའི་དུས་མ་ཡིན།།
村庄相互因小义气争
部落相互不和之缘故
应去细心思考而并非
一意孤行守旧自行也
སྔོན་ཐོན་རིགས་ལམ་སྙེག་ལ་ཤེས་ཡོན་མཁོ།།
མཁས་མཆོག་དཔྱོད་ལྡན་ཅི་ཙམ་མང་ཡང་མཁོ།།
རང་ཅག་ཁ་བའི་གྲྭ་སློབ་དཔྱོད་ལྡན་རྣམས།།
རང་སར་རང་སྣང་མཐོ་བའི་དུས་མ་ཡིན།།
跻身先进之列需文明
渊博学识人士多为好
我们雪山乡之学者们
莫为自傲自满俯他人
སྔོན་ཐོན་སྐྱེད་མའི་ཚལ་བཟང་བགྲོད་པ་ལ།།
མཐུན་སྒྲིལ་ལག་པའི་དཔུང་ཤུགས་མི་སྒྲིལ་བར།།
རང་ཉིད་མཁས་པར་རློམ་པའི་ཕྱོགས་ཞེན་གྱིས།།
ཕྲག་དོག་ནང་ལ་བསྐོར་བའི་དུས་མ་ཡིན།།
欲为先进花园中游乐
应需团结之臂相互搭
愚昧自认为是通天地
莫抛嫉妒之心向己人
གོས་ལྗང་ས་གཞི་འཕྲུལ་ཆས་ཡོངས་སུ་སློག།
ཐལ་རྡུལ་སྐྱ་བོའི་སྨག་རིམ་མཐའ་ནས་རྒྱས།།
ཇུས་བཟང་རྨོ་བསྐྱུར་ནགས་འདེབས་མི་བྱེད་པར།།
ས་རྡུལ་ཁྲོད་དུ་ཉལ་བའི་དུས་མ་ཡིན།།
青草大地被机到处挖
雾霾笼罩四方之天地
丢弃农耕无理还林业
莫是漠不关心此事时
གཞན་རིགས་བཟོ་ཚོང་མྱུར་བའི་སྟངས་སྟབས་ཀྱིས།།
དལ་མེད་རྨ་འབྲིའི་རླབས་ཀྱི་དཔལ་ལ་འགྲན།།
རང་རིགས་བཟོ་ཚོང་ཕྱོགས་ཙམ་མི་གཉེར་བར།།
གནག་ཕྱུགས་སུག་རྗེས་འཚོ་བའི་དུས་མ་ཡིན།།
工商之业发展步伐快
如同长江黄河激流速
然而我们民族之工商
仍于持续畜牧乃痛哉
ཡིད་འོང་ཁང་བརྩེགས་འཁྲིགས་པའི་གྲོང་ཁྱེར་དུ།།
སྣ་མང་འཚོ་བའིོ་བདེ་དགའ་མི་རོལ་བར།།
རི་ལུང་ཐང་གསུམ་རྟག་ཏུ་རྟེན་བྱས་ཏེ།།
དུད་འགྲོའི་རྟུལ་ཞུགས་འཛིན་པའི་དུས་མ་ཡིན།
高楼大厦拔地而起之
莫再无有理及众他业
脚印留满山水河谷之
赶畜落后事业勿再从
གཞན་འབྱོར་སྔོན་ཐོན་ཡར་ཟླ་མཁའ་རུ་འཕགས།།
ཕྱི་ངོས་ཚོང་ཟོང་སྐར་ཚོགས་གྲངས་ལ་འཕྱ།།
རང་རིགས་ལྟོ་རྒྱབ་ཙམ་གྱི་འཚོ་བའི་ཁྲོད།།
ཟ་ཉལ་མགོ་འཇོག་བྱེད་པའི་དུས་མ་ཡིན།།
经济繁荣如同上旬月
外界商品堪比天上星
我们民族还未温饱忧
莫为只虑吃住基础事
མདོར་ན་ཆོལ་གསུམ་བོད་པའི་དར་རྒུད་ཀྱི།།
ཕྱོགས་ཙམ་འཛིན་པའི་ནུས་པ་ཡོད་མིན་ཡང་།།
འཇགས་མེད་སེམས་ནས་རིགས་ལ་དུངས་པའི་གཏམ།།
ཤེས་མེད་བདག་ལ་ཐོབ་པའི་འབྲས་རྟགས་ཙམ།།
总之三区藏族其兴衰
虽无能力掌控操纵之
但为深爱我族发心声
愿为无知我的成果之
རྩོམ་སྒྲིག་པ། བེ་དུང་།